diff --git a/.DS_Store b/.DS_Store new file mode 100644 index 0000000..57673ef Binary files /dev/null and b/.DS_Store differ diff --git a/stt001-27.otr b/stt001-27.otr new file mode 100644 index 0000000..4cc0f31 --- /dev/null +++ b/stt001-27.otr @@ -0,0 +1 @@ +{"text":"

00:00 བྱས་ཙང་ད། མཚན་ཉིད་གསུམ་ཞེས་ལབ་ནས། གཞན་དབང་ཟེར་ལབ་དུས་སྟོང་གཞི་དེ་བྱས། ང་རང་ཚོ་ཆགས་སྡང་སྐྱེ་སའི།

00:07 ཆགས་སྡང་སྐྱེ་ནས། ཅིག་འཁོར་བསྡད་ས་དེ་གཞན་དབང་དེ་བྱས། དེ་ལ་དམིགས་ནས། ཆགས་སྡང་སྐྱེ་ཡོང་བ་ཡིན་དུས་ཙ་ནས།

00:15 ཇི་ལྟར་ཆགས་སྡང་སྐྱེ་སའི། ག་རེ་ཟེར་དགོས་རེད། ཡུལ་དེ་སྟོང་པ་ཉིད་ཀྱི་རང་བཞིན་རེད་ཅེས་ནས།

00:22 ད་ཁོ། ཡོངས་གྲུབ་དེ་ངེས་དགོས་ཀྱི་ཡོད་རེད། ཡོངས་གྲུབ་དེ་གཏན་ལ་ཕབ་དགོས་ཀྱི་ཡོད་རེད།

00:29 སྟོང་པ་ཉིད་རེད་ཟེར་དུས་ཙ་ནས། སྟོང་པའི་རང་བཞིན་རེད་ཟེར་དུས་ཙ་ནས། གང་གིས་སྟོང་པ་རེད་ཟེར་ལབ་ན།

00:34 དགག་བྱ་ཀུན་བཏགས་ཀྱིས་སྟོང་པ། བྱས་ཙང་ག ཆོས་ཅན་གཞན་དབང་། དགག་བྱ་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ། བྱས་ནས།

00:42 གང་ལྟར། གང་གང་གིས་སྟོང་པ་ཟེར་བའི་ནང་ནས། སྟོང་གཞི་གང་ཞིག་དགག་བྱ་གང་གིས་སྟོང་པའི་སྟོང་པ་དེ་ཉིད་ཡོངས་གྲུབ་ཅེས་ནས།


00:51 ད་གང་ལྟར། སྟོང་པ་ཉིད་གཏན་ལ་ཕབ་པའི་དོན་དག་ལ། དེ་དག་བཤད་ཡོང་གི་འདུག་ག མཚན་ཉིད་གསུམ་བཤད་ཡ་དེ། ཨོ་ཡ།

00:57 ད་དེ་ནས། ཡང་ཤེས་བྱ་ལ་བདེན་པ་གཉིས་སུ་དབྱེ་བ་ཟེར། ད་བདེན་གཉིས་ཀྱི་དོན་དག་དེ། ཡང་ན། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དོན་དམ་བདེན་པ་ཟེར་ལབ།

01:07 དེ་ལས་གཞན་པ་ཀུན་རྫོབ་བདེན་པ་ཟེར་ནས་ལབ་དགོས་པ་མེད་འགྲོ། ད་ཡང་ན་དབུ་མ་པ་དང་གཅིག་པ་འདྲ་པོ་ཞིག་རེད་ཤག

01:14 ཐ་སྙད་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་པའི་དོན་དེ་ཀུན་རྫོབ་བདེན་པ།

01:19 དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་པའི་དོན་དེ་དོན་དམ་བདེན་པ་ཟེར་ནས་གསུངས་ཤག

01:23 ད་དེ་ནས། དོན་དམ་བདེན་པ་ཡིན་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་ཀྱང༌།

01:34 ཀུན་རྫོབ་བདེན་པ་ཡིན་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་མ་ཁྱབ་སྟེ།

01:36 གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང༌། ཀུན་བཏགས་ཀྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར་རོ། །

01:42 བརྫུན་པ་ཡིན་ན་བརྫུན་པར་གྲུབ་མི་དགོས་ཏེ་ཟེར། ད་གང་ལྟར་སེམས་ཙམ་པ། ད་མ་གཞི། གྲུབ་མཐའ་གོང་འོག་ག་པ་ལ་ཡང་། རང་རང་གི། ཨེ་ནས། རང་རང་གི་གྲུབ་མཐའི་ནང་ལ་ཡ།

01:52 ཅིག་བདེན་པ་དང་རྫུན་པ་ཞེས་ནས་བདེན་རྫུན་ཕྱེ་ལུགས་མང་པོ་ཞེ་དྲགས་ཡོད་པ་རེད།

01:58 སྐབས་ཐོབ་ཀྱིས་ཕྱེ་ལུགས་མང་པོ་ཞེ་པོ་ཞིག ལྷག་དོན་སེམས་ཙམ་པའི་གཞུང་གི་ནང་ལོགས་ལ་ཡ།

02:02 ག་རེ་ཟེར་དགོས་རེད། ཕ་གིར་བདེན་རྫུན་དང་། རྫས་བཏགས་དང་། རྫས་ཡོད་བཏགས་ཡོད་ཟེར་བ་དང་། 02:08 དེ་ཚོའི་གྲས་ཕྱེ་ལུགས་མང་པོ་ཞེ་པོ་ཞིག་འདུག་ག སྐབས་ཐོབ་ཀྱིས་དོན་དག་འཇུག་ས་མི་འདྲ་བ་མི་འདྲ་བ་ཡོང་བསྡད་པ་ཞིག

02:13 ད་ཨོ་དེ་རོབ་ཙམ་ཞིག་གསུངས་ཤག ད་དེ་ནས་དེའི་གཤམ་དེར། དུས་གསུམ་དང༌། མེད་དགག་གི་འཇོག་ཚུལ་མདོ་སེམས་རང་རྒྱུད་པ་གསུམ་མཐུན་ནོ། །

02:22 གཟུགས་སོགས་དོན་ལྔ་པོ་དེ་ཕྱི་རོལ་དོན་དུ་མ་གྲུབ་སྟེ། ད་དེ་རེད། གཙོ་བོ་དེ། གཟུགས་སོགས་དོན་ལྔ་པོ་དེ། ང་རང་ཚོའི་བློ་ལ་ཡ།

02:32 ཕར་ངོས་ནས། དོན་གྱི་ངོས་ནས། ཨེ་ནས། རང་འཛིན་གྱི་བློ་དང་འབྲེལ་བ་མེད་པ་འདྲ་པོ་ཞིག་ལ། ཕར་ནས་སྣང་ཡོང་གི་འདུག་སྟེ།

02:42 དོན་ལ་དེ་འདྲ་ཞིག།ད་དོན་གྱི་ངོས་ནས། རང་སྐྱ་བ་བྱས་ནས་གྲུབ་བསྡད་པ་ཞིག་ཡོད་པ་མ་རེད་ཟེར།

02:48 དེ་མེད་པ་དེ། ག་རེ་རེད་ཅེས་ལབ་ན། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་བག་ཆགས་བཞག་པའི་མཐུས་ཟེར།

02:55 ཨིན། དེ་ག་རེ་རེད། ཐུན་མོང་དང་ཐུན་མོང་མ་ཡིན་པ་ཟེར་ན་ག་རེ་རེད།

03:01 ཐུན་མོང་དང་ཐུན་མོང་མ་ཡིན་པ་ཟེར་ན་སྤྱི་དང་བྱེ་བྲག་ལ་བཤད་ཀྱི་ཡོད་རེད། ག་རེ་རེད། ཐུན་མོང་གི་ལས་དང་ཐུན་མོང་མ་ཡིན་པའི་ལས་ཟེར་གྱི་ཡོད་རེད། ག་རེ་ཟེར་གྱི་ཡོད་རེད། ཨིན།

03:08 ཀུན་གཞིིའི་རྣམ་ཤེས་ཀྱི་སྟེང་དུ་ཐུན་མོང་དང་། ཐུན་མོང་མ་ཡིན་པའི་ལས་ཀྱི་བག་ཆགས་བཞག་པའི་མཐུས་ཟེར།

03:15 ནང་ཤེས་པའི་རྫས་ཀྱི་སྟེང་ནས་སྐྱེ་བ་ཡིན་པའི་ཕྱིར་ཟེར། ཟེར་དུས། ད་གང་ལྟར། རྒྱུ་ཉེར་ལེན་ས་བོན་གཅིག་ལས་ཟེར་བ་མ་རེད་པས།

03:23 ད་ཉེར་ལེན་ས་བོན་གཅིག་ལས། ཁོ་རང་། ཨེ་ནས། ཤེས་པ་དེ་དག་རང་འཛིན་རྟོག་པ་དེ་དག

03:31 རྟོག་པ་དེ་ལ་སྣང་བསྡད་པའི་སྣང་སྲིད་གཉིས་པོ་དེ། ཉེར་ལེན་ཤེས་པ་གཅིག་ལས་སྐྱེས་པ་རེད་ཟེར།

03:37 ཟེར་དུས་ཙ་ན། ཁོ་རྫས་གཅིག་རེད། བདག་ཉིད་གཅིག་རེད་ཟེར།

03:40 ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་བག་ཆགས་བཞག་པའི་མཐུས། ནང་ཤེས་པའི་རྫས་ཀྱི་སྟེང་ནས་སྐྱེས་པའི་ཕྱིར་ཟེར།

03:47 རྣམ་བདེན་པ་ལྟར་ན། གཟུགས་སོགས་དོན་ལྔ་པོ་དེ་ཕྱི་རོལ་གྱི་དོན་མ་ཡིན་ཀྱང་། ད་གིན་རྟགས་དེ་ཕྱིན་ཚར་བ་རེད། དེ་བྱས།

03:54 ད་གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ནི། མདོར་ན་ཆོས་ཐམས་ཅད་པོ་ནང་སེམས་ཀྱི་བདག་ཉིད་རེད།

04:01 སེམས་དང་བདག་ཉིད་གཅིག་ཏུ་གྲུབ་བསྡད་ཡོད་རེད། རྫས་ཐ་དད་དུ་གྲུབ་པ་མ་རེད་ཟེར་ནས་གསུང་ཡ་དེ་བྱས།

04:05 གཉིས་པ་ཡུལ་ཅན་གྱི་འདོད་ཚུལ་ནི། ལུང་གི་རྗེས་འབྲང་རྣམས་ཀྱིས་རྣམ་ཤེས་ཚོགས་བརྒྱད་འདོད་པས་ཡིད་ཀྱི་རྣམ་པར་ཤེས་པ་དང༌།

04:12 ཀུན་གཞིའི་རྣམ་ཤེས་གང་ཟག་ཏུ་ཁས་ལེན་ཞིང༌། ད་ཨོ། གང་ཟག་ཟེར་བ་དེ་འཇོག་སྟངས་ལ་ཡ།

04:21 ལུང་གི་རྗེས་འབྲང་གི་རྣམ་ཤེས་ཚོགས་བརྒྱད་འདོད་མཁན་གྱིས། ཨེ་ནས། ག་རེ་ཟེར་དགོས་རེད། 

04:28 བག་ཆགས་བགོ་གཞི་ཀུན་གཞིའི་རྣམ་ཤེས་ཞེས་ནས། ཤེས་པ་ལུང་མ་བསྟན་དེ་འདྲ་ཞིག་བཞེད་ཀྱི་ཡོད་རེད།

04:36 རྒྱུན་ཆད་ཡ་མེད་བསྡད་པ་ཞིག་ཨོ་ད། རེད་པས། ཨོ་དེ་འདྲའི་དེ། ཨེ་ནས།

04:43 གང་ཟག་ཟེར་ནས་མཛུབ་མོ་འཛུགས་ས་ངོ་མ་དེ། དེ་རེད་ཟེར་ནས་བཤད་ཀྱི་ཡོད་རེད།

04:47 རིགས་པའི་རྗེས་འབྲང་གིས་ཀུན་གཞིའི་རྣམ་ཤེས་ཁས་མི་ལེན་པ་བྱས། ཡིད་ཀྱི་རྣམ་པར་ཤེས་པ། ད་རང་རྒྱུད་པ་དང་གཅིག་པ་རེད།

04:55 ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞིར་འདོད། ད་འོ་ན། ཀུན་གཞི་འདོད་མཁན་གྱིས་ཀུན་གཞིའི་རྣམ་ཤེས་དེ་འདྲ་ཞིག་རེད་ལབ་ན།

05:02 དམིགས་པ་ནང་གི་དམིགས་པ་ལ་དམིགས་ཤིང་། རྣམ་པ་རིས་སུ་མ་ཆད་པ། ངོ་བོ་མ་བསྒྲིབས་ལུང་མ་བསྟན།

05:08 གྲོགས་སེམས་བྱུང་ཀུན་འགྲོ་ལྔ་ཁོ་ན་དང་མཚུངས་པར་ལྡན་པའི་གཙོ་བོ་ཡིད་ཀྱི་རྣམ་པར་རིག་པ་བརྟན་པས་རབ་ཏུ་ཕྱེ་བ་ཞིག་ལ་འདོད་དོ་ཟེར།

05:15 ད་དམིགས་བསལ་ཞིག དེ་ཡང་བསྒྲིབས་མ་བསྒྲིབས་དེ་དག་གང་མེད་པ་བྱས། མི་དགོས་པ་བྱས།

05:22 འདི་ནས་མར་ལ། ཉོན་ཡིད་དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་ངར་སེམས་པའི་བློ།

05:26 ཨོ་ད། ག་རེ་ཟེར་དགོས་རེད། མིག་སོགས་ཀྱི་འཇུག་ཤེས་དྲུག་གི་སྒང་ལ། ཨེ་ནས། ཀུན་གཞི་དེ་དང་།

05:35 ཨེ་ནས། ཉོན་ཡིད་གཉིས་པོ་བསྣན་ནས། རྣམ་ཤེས་ཚོགས་བརྒྱད་ཟེར་བ་དེ། འདུག་སེ་གསུངས་པ་ཡིན་པ་རེད།

05:39 ད་དེ་ནས། ཚད་མ་ལ་མངོན་རྗེས་ཚད་མ་གཉིས། མངོན་སུམ་ལ་མདོ་སྡེ་པའི་སྐབས་ནང་བཞིན་བྱས་ནས།

05:47 ཨེ་ནས། མངོན་སུམ་བཞི་བྱས། དེ་གསུངས་ཤག རང་རིག་མངོན་སུམ་དང་རྣལ་འབྱོར་མངོན་སུམ་གཉིས་ལ་མ་འཁྲུལ་བའི་ཤེས་པས་ཁྱབ།

05:56 རེད། རྣལ་འབྱོར་མངོན་སུམ་དང་རང་རིག་མངོན་སུམ་མ་འཁྲུལ་བའི་ཤེས་པས་ཁྱབ། རྣམ་བདེན་པའི་ཚུར་མཐོང་གི་རྒྱུད་ཀྱི་སྔོ་འཛིན་མིག་ཤེས་དེ་མ་འཁྲུལ་བའི་ཤེས་པར་འདོད། སྔོན་པོ།

06:05 ད་སྔོན་པོ་སྔོན་པོར་སྣང་བ་དེ་མ་རིག་པས་བསླད་པ་མ་རེད་ཟེར་དུས་ཙ་ནས། ཨེ་ནས།

06:11 སྔོ་འཛིན་མིག་ཤེས་དེ་མ་འཁྲུལ་བའི་ཤེས་པར་འདོད། རྣམ་རྫུན་པ་ལྟར་ན། ཚུར་མཐོང་གི་རྒྱུད་ཀྱི་དབང་པོའི་མངོན་སུམ་ལ་འཁྲུལ་ཤེས་ཀྱིས་ཁྱབ་པར་འདོད།

06:18 དེའི་རྒྱུད་ཀྱི་ཡིད་ཀྱི་མངོན་སུམ་ལ་འཁྲུལ་མ་འཁྲུལ་གྱི་ཆ་གཉིས་ཡོད་པར་བཤད། ཨིན། འགྲིག་སོང་བ།

06:28 ད་དེ་ནས། དེ། ད་ལམ་གྱི་རྣམ་བཞག་ལ། དམིགས་པ།

06:37 ཨ་ཨ། ག་རེ་ཞུ་དགོས་པ་རེད། ཕ་གིར་དམིགས་པ་སྨིན་བྱེད་འདྲ་པོ་དེ་ལ། བདེན་བཞི་མི་རྟག་སོགས་བཅུ་དྲུག

06:43 དེ་ནས་གྲོལ་བྱེད་ལ། ཨེ་ནས། གང་ཟག་གི་བདག་མེད་ཀྱི་ཐོག་ལ། གང་ཟག་གི་བདག་མེད་ཕྲ་རགས།

06:50 ཕྲ་རགས་ཟེར་དགོས་རེད་པས། གང་ཟག་གི་བདག་མེད་དང་། ཨེ་ནས། ཆོས་ཀྱི་བདག་མེད།

06:54 གཟུང་འཛིན་གཉིས་སྟོང་གི་ཆོས་ཀྱི་བདག་མེད། ད་དེ་བཤད་པ་རེད། ད་དེ་ནས་སྤང་བྱའི་སྒྲིབ་པ་ལ་ཉོན་སྒྲིབ་ཀྱི་ཐོག་ལ།

07:01 ཤེས་བྱའི་སྒྲིབ་པའི་ཤེས་བྱ་ཤེས་པ་ལ་བར་དུ་གཅོད་པའི་སྒྲིབ་པ་ཟེར་བའི་ཐ་སྙད་དེ་སྦྱར་ནས།

07:07 ད་སྒྲིབ་པ་གཉིས་བཤད། ད་གཙོ་བོ་ཐར་བ་འཐོབ་པ་ལ་བར་དུ་གཅོད་པའི་ཉོན་སྒྲིབ།

07:13 གཙོ་བོ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ་ཞེས་ནས་དེ་བཤད།

07:17 ད་ལམ་གྱི་རྣམ་བཞག་ལ་ལམ་ལྔ་སྦྱར་ཡ། དེ་དག་གི་ཐོག་ལ་ས་བཅུའི་རྣམ་བཞག་དེ་གསུངས།

07:26 ད་ཕལ་ཆེར་དེ་འདྲ་ཞིག་ཡིན་པ་འདྲ། ཨེ་ནས། དེ་ལ་དམིགས་བསལ་ཞུ་ཡ་ཞིག་གང་མི་འདུག

07:33 ད་མཐར་ཐུག་ཐེག་པ་གསུམ་དུ་འདོད་པ་དང་། མཐར་ཐུག་ཐེག་གཅིག་ཏུ་འདོད་པ་དེ་འདྲ་ཡོད་པ་རེད།

07:41 ཨེ་ནས། འབྲས་བུ་སྐུ་བཞིའི་རྣམ་བཞག་གསུང་གི་ཡོད་རེད། སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་གཉིས་ཕྱེས།

07:47 སྒྲ་ཅི་བཞིན་དུ་ཁས་ལེན་མི་རུང་བ་དྲང་དོན་དུ་བཀྲལ་དགོས་ཡ། དེ་འདྲའི་གསུངས། གསུང་གི་ཡོད་པ་རེད། 07:54 ཨེ་ནས། ད་འབྲས་བུ་སངས་རྒྱས་ཀྱི་ས་ལ། ཁ་སང་བཀའ་མོལ་བྱུང་བ་ནང་བཞིན། སྐུ་བཞིའི་རྣམ་བཞག་དེ་གསུངས།

08:01 ཨོ་ད་དེ་རེད། དེ་གྲུབ་པ་རེད། བྱས་ནས། ད་ང་རང་ཚོས་འདོན་སྡོད་པའི་ཤེས་རབ་སྙིང་པོ་ལྟ་བུ།

08:08 ཨེ་ནས། ཕུང་པོ་ལྔ་པོ་དེ་དག་ཀྱང་། ཕུང་པོ་ལྔ་པོ་རང་བཞིན་གྱིས་ཡོད་པ་མ་རེད་ཟེར་བ་འདྲ་པོ། ཨེ་ནས། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད་ཟེར་བ་འདྲ་པོ།

08:17 མིག་མེད། སྣ་མེད། རྣ་བ་མེད། ལྕེ་མེད་ཅེས་ནས་གསུང་བསྡད་ཡ་དེ་ཚོའི་གྲས་དེ། ཨེ་ནས། ངོ་བོ་ཉིད་མེད་པ་ལ་བསམ་བློ་བཏང་ན། ངོ་བོ་ཉིད་མེད་ན་རང་གི་རང་བཞིན་མེད་པ་འདྲ་པོ་རེད།

08:27 ཁོ་རང་གི་ངོ་བོ་མེད་པ་འདྲ་པོ་རེད། ངོ་བོ་མེད་ན་ནི་མེད་པ་རང་རེད། བྱས་ཙང་། དེ་འདྲའི་ཡིན་དུས། ད།

08:32 ཤེས་རབ་སྙིང་པོ་ལྟ་བུའི་ཚིག་དེ་ཡི་དོན་དག་དེ། ག་རེ་རེད་ཅེས་ལབ་ན། ངོ་བོ་ཉིད་མེད་ཚུལ་གསུམ་ལ་དགོངས་ནས་ངོ་བོ་ཉིད་མེད་པར་གསུངས་པ་རེད་ཟེར།

08:41 གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཀུན་བཏགས་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ། ཨེ་ནས། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་ནས།

08:50 ཨེ་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་པ་རེད་ཟེར། ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་རེད་ཅེས་ནས་གསུངས་པ་རེད་མ་གཏོགས།

08:56 ཨེ་ནས། གཟུགས་སོགས་མེད། ཨེ་ནས། མིག་སོགས་མེད་ཅེས་ནས་གསུང་བསྡད་པ་དེ།

09:01 ཚིག་དེ་ཡིས་བསྟན་ཚུལ་ནང་བཞིན་བྱས་ནས། ངོ་བོ་ཉིད་ཀྱིས་མེད་པའི་སྐད་ཆ་མ་རེད་ཟེར་ནས། ད་འདུག་སེ་བཀྲལ་གྱི་ཡོད་རེད།

09:08 བྱས་ཙང་། འཁོར་ལོ་བར་བའི་དགོངས་པ་དེ། འཁོར་ལོ་ཐ་མས་བཀྲལ་ནས། འཁོར་ལོ་བར་བའི་དགོངས་པ་ངོ་མ་དེ། ད།

09:18 ངོ་བོ་ཉིད་མེད་ཚུལ་གསུམ་ལ་དགོངས་ནས། ཨེ་ནས། ཆོས་ཐམས་ཅད་མེད་ཚུལ་གསུངས་པ་རེད་ཟེར་ནས། ད་དེ་བཤད་ཀྱི་ཡོད་རེད། 

09:21 ད་དེ་འདྲ་བའི་ལྟ་བ་དེ་ལ། དོན་སྨྲ་སྡེ་གཉིས་ཀྱི་ལྟ་བ་ལ་ལྟོས་ན། དེས་ཆོས་ཀྱི་བདག་མེད་གསུང་གི་ཡོད་རེད། 

09:28 ང་ཙམ་མ་ཡིན་པའི་ལོངས་སྤྱད་བྱའི་ཆོས་དེ་དག་ཀྱང་། ཇི་ལྟར་སྣང་བ་ནང་བཞིན་སྦད་དེ་དོན་གྱི་ངོས་ནས།

09:36 རང་མཚན་པ་འདྲ་པོ་ཞིག་གྲུབ་མེད་བསྡད་པ་ཞིག་གསུང་ཡོང་གི་འདུག་ག རྒྱ་ཆེ་རུ་ཕྱིན་སོང་བ། ཟབ་ཏུ་ཕྱིན་སོང་བ། ཕྱིན་སོང་སྟེ། ཡིན་ན་ཡང་།

09:43 ཕྱི་རོལ་དོན་དུ་མ་གྲུབ། ནང་ཤེས་པ་བདེན་གྲུབ་ཟེར་ནས་བཤད་བསྡད་ཀྱི་ཡོད་རེད་བ། ནང་ཤེས་པ་བདེན་གྲུབ་ཟེར་དུས་ཙ་ནས།

09:49 ཤེས་པས་དཔེར་ན། བདེ་སྡུག་གི་ཚོར་བ་མྱོང་བ་འདྲ་པོ་དེ་ཚོའི་གྲས་དེ། དེ་ལ་ཞེན་ཆགས་སྐྱེས་པ་ཡིན་ན། 09:55 ད་དུང་ཅིག་མ་ཚང་བའི་བཟོ་འདྲ་པོ་ཞིག་འདུག་ག ནང་གི་ཤེས་པས། ཅིག་དཔེར་ན། ཚོར་བ་བདེ་སྡུག་ལ་ཆགས་སྡང་སྐྱེས་ཡོང་དུས་ཙ་ནས།

10:02 ཕྱི་རོལ་དོན་དུ་གྲུབ་ཡོད་པ་མ་རེད་ཟེར་ནས་ལབ་ན། ཁོས་ཞེ་དྲག་ཕན་ཡ་ཞིག་གང་མི་འདུག་ག རེད་བ།

10:06 བྱས་ཙང་། དེ་འདྲ་ཡིན་དུས། ད་དེ་ཕྱོགས་གཅིག་གི་བཟོ་འདྲ་པོ་མ་གཏོགས། གཟུགས་སོགས་ལ་དམིགས་པའི་ཆགས་སྡང་དྲག་པོ་སྐྱེ་བ་ལ་ཏན་ཏན་ཕན་མདོག་ཁ་པོ་རེད།

10:15 རེད་དེ། ཡིན་ན་ཡང་། ནང་ཤེས་པ། ནང་ཤེས་པའི་མྱོང་བའི་སྟེང་ནས་ཅིག་ཆགས་སྡང་སྐྱེ་སྡོད་པ་དེ་དག་ལ་གནོད་ཡ་མི་འདུག་ག་ཟེར།

10:25 ད་དེས་འདང་གི་མི་འདུག་ག་ཞེས་ལབ་ཐུབ་ཡ་ཞིག་འདུག་ག དེ་འདྲ་ཡིན་དུས་ཙ་ན། ད་དབུ་མ་པས་ག་རེ་གསུང་གི་ཡོད་རེད་ལབ་པ་ཡིན་ན།

10:32 ཨེ་ནས། དཔེར་ན་དབུ་མ། དེའི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ལྟ་བུས། ཕྱི་དོན་བཀག་པ་རེད་དེ། ཡིན་ན་ཡང་། སེམས་དེ་ཡང་བདེན་སྟོང་རེད་ཅེས་ནས།

10:42 ད་ཕྱི་རོལ་དོན་དུ་གྲུབ་པ་ཙམ་དུ་མ་ཟད་པའི་སེམས་བདེན་སྟོང་རེད་ཅེས་ནས། མདོར་ན་ཕྱི་ནང་གི་ཆོས་ཐམས་ཅད་པོ་སྟོང་པ་རེད་ཅེས་ནས།

10:50 བདེན་པ་བཀག་ཡོང་དུས་ཙ་ནས། ཕྱི་དང་ནང་གི་ཆོས་གང་ཡིན་ན་ཡང་། དམིགས་གཏད་ཞིག་འགྲོ་བ་ཞིག་ཡོང་སྡོད་ཀྱི་འདུག་ག

10:57 ད་ཡང་དམིགས་གཏད་ཟེར་སྡོད་ཡ་དེ། རང་རྒྱུད་པ་རང་གི་ལུགས་ཀྱི་དམིགས་གཏད་ཟེར་གྱི་ཡོད་རེད་ད། རེད་བ།

11:02 བྱས་ཙང་ག དེ་འདྲ་ཡིན་དུས་ཙ་ནས། ཁོ་རྒྱ་ཆེ་རུ་འགྲོ་གི་འདུག་ག རྒྱ་ཆེ་རུ་དང་རླབས་ཆེ་རུ་ཕྱིན་བསྡད་པ་རེད།

11:13 དེ་ལྟ་བུའི་དབུ་མ་པའི་གྲུབ་མཐའ་བཤད་པ་ལ་ཟེར། བཞི་པ་ངོ་བོ་ཉིད་མེད་པར་སྨྲ་བ་དབུ་མ་པའི་གྲུབ་མཐའ་རྣམ་པར་བཞག་པ་ལ།

11:25 མཚན་ཉིད། སྒྲ་བཤད། དབྱེ་བ། ཕྱེ་བ་སོ་སོའི་དོན་ཅེས་ནས། ཕྱེ་བ་སོ་སོའི་དོན་བཤད་པ་ལ་དབུ་མ་ཐལ་རང་གཉིས།

11:33 ཨ་ཨ། དེ་དག་མར་ཞུ་ཡ་ཞིག་གང་མི་འདུག ཨིན་ཨིན།

11:42 བཞི་པ་གྲུབ་མཐའི་འདོད་ཚུལ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་གཉིས།

11:48 ད་དབུ་མ་རང་རྒྱུད་པ་ལ། ད་གཉིས་སུ་ཕྱེས་ནས། དེ་འདྲ་འདྲ་པོའི་དང་པོ་ལ། ད་གཞི་ལམ་འབྲས་གསུམ་ལས།

11:57 དང་པོ་གཞི་ཡི་རྣམ་གཞག་ལ་ཡུལ་དང་ཡུལ་ཅན་གཉིས་ལས། དང་པོ་ཡུལ་ནི་གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་ཏེ་ཟེར། རང་གི་མཚན་ཉིད་ཀྱིས་གྲུབ་པར་བཤད།

12:06 ད་འདིའི་རང་མཚན་གསུང་དུས་ཙ་ནས། ག་རེ་ཟེར་དགོས་རེད། ཕ་གིར།

12:16 ཆོས་དེ་དང་དེ་ཟེར་ནས་མཛུབ་མོ་འཛུགས་ས་ཞིག ཕར་ངོས་ནས་ཡོད་པ་འདྲ་པོ་ཞིག་ང་ཚོའི་བློ་ལ་འཆར་གྱི་འདུག་ག རེད་བ། བྱས་ཙང་ག

12:24 བློས་བཏགས་ཙམ་མ་ཡིན་པ། ད་ཁོའི་ངོ་བོ་དེ་ཕར་བཙལ་གར་ཕྱིན་པ་ཡིན་ན། བློས་བཏགས་ཙམ་ཞིག་མ་གཏོགས་མེད་སྡོད་མཁན་དེ་འདྲ་མ་ཡིན་པ།

12:34 གང་ལྟར། མིང་འདོགས་སའི། རེད་ད། ཕ་གིའི་འདོགས་བྱེད་ཀྱིས། ཕ་གིའི་བཏགས་སའི་ཡུལ་ཁོ་རང་གི་ངོས་ནས།

12:40 ཁོ་རང་གི་མཚན་གཞི་འདྲ་པོ། ངོ་བོ་འདྲ་པོ་བཞག་གི་ཡོད་རེད་ད། ངོ་བོ་གཅིག་ཡོད་དགོས་ཀྱི་ཡོད་རེད།

12:48 དེ་མེད་ན། ཨེ་ནས། བློས་གང་བཟོ་བཟོ་འདྲ་པོ་ཞིག་རེད་ཟེར་ནས་གོ་འགྲོ་ཡི་ཡོད་རེད། བྱས་ཙང་། དེ་འདྲ་ཡིན་དུས།

12:53 དེ་འདྲ་བའི་དོན་གྱི་ངོས་ནས་ཁོ་རང་གི་ངོ་བོ་ཞིག་བཞག་རྒྱུ་ཡོད་བསྡད་པ་ཞིག དེ་ལ་རང་མཚན་ཟེར་གྱི་ཡོད་རེད། ད་ལྟ་འདིར།

13:01 ད་གིན་གྱི་རྟགས་དེ་དག་གིས་ད་དེ་ཡོད་ཡོད་པ་རེད་བ། དེ་ཡོད་པ་གཞིར་བཞག་རེད་བ། ད་གིན་གྱི་རྟགས་དེ་དག་ཚང་མ་ཡིས།

13:06 ད་ཡང་དབུ་མ་རང་རྒྱུད་པས། དེ་འདྲ་འདྲ་པོ་དེ་ཞལ་གྱིས་བཞེས་ཀྱི་ཡོད་རེད་ཟེར། ད་ཐལ་འགྱུར་བས་ད་དེ་ཡོད་པ་མ་རེད་གསུང་གི་ཡོད་རེད། བྱས་ཙང་། ད་དེ་འདྲ་ཡིན་དུས། གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པར་བཞེད་དེ་ཟེར་བ་དེ།

13:11 རང་མཚན་ཟེར་བ་དེ། ད་གིན་སེམས་ཙམ་པས་རང་མཚན་ཟེར་བ་དེ་དང་། མདོ་སྡེ་པས་རང་མཚན་ཟེར་བ་དེ་དང་ཡང་འདྲ་གི་ཡོད་པ་མ་རེད་ད།

13:20 ཆོས་གང་ཡིན་ཀྱང་། ཨོ་ད་དེ། སྒྲུབ་བྱེད་དེ། ཆོས་གང་ཡིན་ཀྱང་བཏགས་དོན་བཙལ་ན་རྙེད་པར་འདོད་པའི་ཕྱིར་ཟེར།

13:27 ད་དེར་བཏགས་དོན་བཙལ་ན། རྙེད་ཟེར་བ་དེ་ཡང་ག་འདྲ་ཞིག་ལ་ཟེར་གྱི་ཡོད་རེད་ལབ་ན། རེད་ད། སྣང་ཙམ་དེ་ཡིས་མ་ཚིམས་པར།

13:33 སྣང་ཙམ་དེ་ཡིས་མ་ཚིམས་པར། ཁོ་རང་གི་ཁོ་རང་གི་སྡོད་ལུགས་སམ། ཡིན་ལུགས་ཇི་འདྲ་ཞིག་ཏུ་དཔྱད་ཙམ་ཉིད་ནས། བཏགས་དོན་འཚོལ་བར་འགྲོ་གི་ཡོད་རེད།

13:41 དེ་འདྲ་འདྲ་བའི་བཏགས་དོན་བཙལ་ན་རྙེད་དགོས་ཀྱི་ཡོད་རེད། དེ་འདྲ་རྙེད་པའི་རང་མཚན་གྱི།

13:49 རང་མཚན་ངོ་བོ་དེ་ཉིད་དོན་དམ་དུ་གྲུབ་པ་རེད་མ་རེད་ལབ་པ་ཡིན་ན། དོན་དམ་དུ་མ་གྲུབ་པ་རེད་ཟེར། དེ་འདྲ་ཡིན་དུས། བདེན་པར་གྲུབ་ན་དོན་དམ་དུ་གྲུབ་དགོས་ཀྱི་རེད།

13:57 དོན་དམ་དུ་གྲུབ་ཡོད་པ་མ་རེད་ཟེར། ད་དོན་དམ། ཨ་ག་རེ་ཞུ་དགོས་རེད། ཕ་གིར། ཐོས་བསམ་སྒོམ་གསུམ་གྱི་རིགས་ཤེས་ལ་དོན་དམ་དུ་བྱས་པའི། དོན་དམ་དེ་ཡི་ངོར་མ་གྲུབ་པ་རེད་ཟེར།

14:07 གོ་གི་འདུག་ག རེད་བ། དེ་འདྲའི་འདྲ་པོ་ལ་བསམ་བློ་གཏང་ཡ་མེད་འགྲོ། བྱས་ཙང་། ཆོས་གང་ཡིན་ཀྱང་བཏགས་དོན་བཙལ་ན་རྙེད་པར་འདོད་པའི་ཕྱིར།

14:14 དེས་ན། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ། རང་ངོས་ནས་གྲུབ་པ་རྣམས་དོན་གཅིག་ཏུ་འདོད།

14:21 ཤེས་བྱ་ལ་དབྱེ་ན་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ལས། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ།

14:29 དོན་དམ་བདེན་པའི་མཚན་ཉིད། ད་རྟོག་མེད་ཀྱི་དབང་དུ་བྱས་ན༑

14:35 ད་དེ་ནས། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་དེ། གཉིས་པའི་མཚན་ཉིད།

14:41 རྟོག་པ་དང་རྟོག་མེད་གཉིས་ཀའི་དབང་དུ་བྱས་ན། ད་གིན་སེམས་ཙམ་པའི་བདེན་གཉིས་ཀྱི་མཚན་ཉིད་གསུངས་པ་ནང་བཞིན། ཕལ་ཆེར་འདྲ་པོ་འདྲ་པོ་བཞག་ཆོག་གི་མེད་འགྲོ་ཨ།

14:48 བུམ་པ་བདེན་སྟོང་ལྟ་བུ་དང་པོའི་མཚན་གཞི། བུམ་པ་ལྟ་བུ་གཉིས་པའི་མཚན་གཞི་ཡིན་ནོ། །དོན་དམ་བདེན་པ་ལ་རྒྱས་པར་དབྱེ་ན། སྟོང་ཉིད་བཅུ་དྲུག་ལ་སོགས་པ་དང་།

14:56 ཀུན་རྫོབ་བདེན་པ་ལ་དབྱེ་ན། ཡང་ལོག་གཉིས། ད་དེ་འདྲ་གསུངས་ཤག  ཨོ་ཡ། ཨོ་ཡ།

15:05 ད་སྙིང་པོ་བསྡུས་ན། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བསྒོམ་བྱའི་ལམ་ལ།

15:15 གང་ཟག་གི་བདག་མེད། དེ་ནས་ཆོས་ཀྱི་བདག་མེད་ལ་གཟུང་འཛིན་གཉིས་སྟོང་གི་ཆོས་ཀྱི་བདག་མེད་གཅིག ད་དེ་ནི་ཆོས་ཀྱི་བདག་མེད་རགས་པ་དེ་བྱས

15:24 དེ་ནས་ཆོས་ཐམས་ཅད་བདེན་པས་སྟོང་པའི་སྟོང་པ་ཉིད་དེ་བདག་མེད་གཅིག་བྱས། ད་དེ་ཆོས་ཀྱི་བདག་མེད་ཕྲ་མོ་དེ་བྱས

15:32 དེ་འདྲ་ཡིན་དུས་ཙ་ནས། བདག་མེད་གསུམ་བཤད་ཡོང་བ་ཡིན་དུས་ཙ་ནས། ཉན་ཐོས་ཀྱི་རྟོགས་རིགས་གང་ཟག་གི་བདག་མེད། རང་སངས་རྒྱས་ཀྱི་རྟོགས་རིགས་གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད།

15:42 ཨེ་ནས། བྱང་ཆུབ་སེམས་དཔའི་རྟོགས་་ཆོས་ཀྱི་བདག་མེད་དེ་བྱས། དེ་འདྲ་གསུངས་པ་ཡིན་པ་རེད། 

དེ་འདྲའི་ཐོག་ནས

15:49 ལམ་བགྲོད་ཚུལ་སྤྱིར་བཏང་སེམས་ཙམ་པའི་སྐབས་ནས་གསུངས་པ་ནང་བཞིན་འདྲ་པོ་འདྲ་པོ་འགྲོ་སྡོད་ཀྱི་ཡོད་རེད།

15:53 དེ་འདྲ་ཞིག་ཡིན་པ་རེད། ད་བདག་མེད། ཆོས་ཐམས་ཅད་བདེན་པས་སྟོང་པའི་བདག་མེད་གསུངས་པ་ཡིན་དུས་ཙ་ནས།

16:00 སྤང་བྱའི་སྒྲིབ་པ་ལ་ཡ་བདག་ཏུ་འཛིན་པའི་བདག་འཛིན། བདེན་གྲུབ་ཏུ་འཛིན་པའི་འཛིན་པ་ད་གསུང་ཡོང་གི་རེད་བ།

16:05 དེ་འདྲ་ཞིག་རེད་ཤག མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་ཕྱི་དོན་ཞལ་གྱིས་བཞེས་པ་རེད། དེ་འདྲ་ཡིན་པ་ཡིན་དུས་ཙ་ནས། ག་རེ་ཟེར། གཅིག་པོ་དེ།

16:13 གཟུང་འཛིན་གཉིས་སྟོང་གི་དེ་ཁོ་ན་ཉིད་ཟེར་བ་དེ་ཚོ་ཕལ་ཆེར་གསུང་གི་ཡོད་པ་མ་རེད། གཞན་ཆོས་ཐམས་ཅད་བདེན་སྟོང་དེ་གཅིག་པ་བྱས། དེ་འདྲ་ཞིག དེ་འདྲ་ཞིག་ཡིན་པ་འདྲ།

","media":"stt001-27.mp3","media-time":0} \ No newline at end of file